སྤག་ཌལ་མང་ཚོགས་ཀྱི་ཁྲིམས་འབྲེལ་ལས་ཁང་ནི་མང་ཚོགས་ཀྱི་ཁྲིམས་འབྲེལ་དང་ཤེས་ཡོན་གྱི་ལས་ཁང་
ཞིག་ཡིན་ཞིང་། མང་ཚོགས་ཁྲོད་ཡོང་འབབ་ཉུང་བའི་གང་ཟག་ཚོར་ང་ཚོས་ཁྲིམས་འབྲེལ་དང་གཞན་དག་
གི་སྲི་ཞུ་ཁག་རིན་མེད་ངང་སྦྱོར་སྤྲོད་བྱ་ཡི་ཡོད།
བབ་གཤོངས་ཀྱི་ས་ཁུལ་གྱི་ས་བཀྲར་འཛུལ།
ང་ཚོའི་ལས་དོན་བྱ་ཡུལ་ཁག་ནི་སྡོད་ཁང་གི་ཐོབ་ཐང་སྐོར་དང་། ལས་ཀའི་ཐོབ་ཐང་། ཕྱི་མི་གཞིས་སྤོ་དང། སྤྱི་ཚོགས་ཀྱི་རོགས་སྐྱོར། གནོད་འཚེ། འཕྲོད་བསྟེན་སྐོར་བཅས་ཡིན།
རང་ཉིད་ལས་ཁང་འདིར་འབྱོར་སྐབས་སེམས་བཅང་དགོས་པ་ཁག་ནི།
༡ འབྲེལ་ལས་ཤིག་ཐུག་རྒྱུར་ཡུན་ཙམ་ངང་སྒུག་དགོས་པ།
༢ ཁྱེད་རང་ནས་ཁྲིམས་དོན་སློབ་ཕྲུག་ཅིག་དང་ཐུག་རྒྱུ་ཡིན་ཞིང་། ཁྲིམས་དོན་སློབ་ཕྲུག་ཚོར་
ཁྲིམས་རྩོད་པ་དང་མང་ཚོགས་ཁྲིམས་འབྲེལ་ལས་བྱེད་པས་ལྟ་སྐྱོང་བྱ་ཡི་ཡོད།
༣ རང་འདོད་ཀྱི་སྐད་ཡིག་ཐོག་སྐད་སྒྱུར་གྱི་ཆ་རྐྱེན་ཡོད།
༤ ཁྱེད་རང་ལ་གུས་ཞབས་ལྡན་པའི་ངང་ལྟ་སྐྱོང་བྱ་རྒྱུ།
༥ དབང་པོ་སྐྱོན་ཅན་དང་གཞན་གྱི་གོ་སྒྲིག་དགོས་མཁོ་ཇི་ཡོད་ང་ཚོར་ཤོད་དགོས། ང་ཚོར་མང་ཚོགས་
སྤྱི་ཡོངས་ལ་ཆ་རྐྱེན་བསྐྲུན་ཐབས་ཀྱི་སྲིད་བྱུས་ཡོད།
༦ ཁྱེད་རང་ནས་གནས་ཚུལ་མཁོ་སྤྲོད་ཇི་བྱུང་རྣམས་གསང་རྒྱ་བྱ་རྒྱུ། ཁྱེད་རང་ནས་འགེངས་ཤོག་
ཅིག་བཀང་འབུལ་དགོས་བཟོ་དང་། དེའི་ནང་དཀའ་རྙོག་དང་ཡོང་འབབ་སྐོར་གནས་ཚུལ་མཁོ་
སྤྲོད་དགོས་པ།
༧ མང་ཚོགས་ཀྱི་ཤེས་ཡོན་དང་ལས་འགུལ་གྱི་ལས་དོན་ཐོག་མཉམ་ཞུགས་བྱ་ཕྱོགས་སྐོར་ཐབས་ལམ་ཁག་
སྟོན་རྒྱུ།
༨ གལ་ཏེ་ང་ཚོས་རོགས་ཕན་མ་ཐུབ་པའམ་མཉམ་ལས་མ་ཐུབ་ཚེ་ང་ཚོས་ཁྲིམས་འབྲེལ་གྱི་གནས་ཚུལ་
སྤྲད་དེ་ཚོགས་པ་གཞན་དག་ལ་དོན་དམ་གྱི་འབྲེལ་སྦྱོར་ཐུབ་ཐབས་དེའི་ཐོག་ནས་རོགས་ཕན་ཡོང་རྒྱུ།
༩ འབྲེལ་ཡོད་ཡིག་ཆ་ཁག་མཉམ་འཁྱེར་དགོས།
༡༠ གལ་ཏེ་ཁྱེད་རང་ལ་འདི་སྐོར་བློ་འཚབ་ཡོད་ཚེ་ང་ཚོར་ཤོད་དང་ང་ཚོས་བརྒྱུད་རིམ་ཁག་ནས་བློ་འཚབ་
དེ་དག་སེལ་རྒྱུ་བཅས།
མནའ་སྐྱེལ་ཡིག་ཆ་། ཁས་ལེན་དམ་ཡིག་ཁག་དང་དེ་བཞིན་ཡིག་ཆ་གང་རུང་གི་ངོ་བཤུས་དངོས་བདེན་
ཡིན་པའི་ལས་དམ་བཟོ་རྒྱུར་རོགས་རམ་གཟའ་མིག་མར་ཉིན་ཉིན་རྒྱབ་དང་གཟའ་ཕུར་ཉིན་སྔ་དྲོར་བྱ་ཡི་ཡོད། འདྲ་དཔར་ཡོད་པའི་ངོ་སྤྲོད་ལག་ཁྱེར་ ༢ མཉམ་ཁྱེར་ཡོང་བ་ཞུ།
དབང་པོ་སྐྱོན་ཅན་དང་གཞན་གྱི་གོ་སྒྲིག་དགོས་མཁོ་ཡོད་ཚེ་འོག་གི་ཁ་བྱང་ཐོག་འབྲེལ་བ་གནང་དགོས།
Parkdale Community Legal Services
1266 Queen St W, Toronto, ON
Tel. (416) 531-2411 Fax. (416) 531-0885
mailbox@parkdalelegal.org
ལས་དུས།
རེས་གཟའ་ཟླ་བ་ནས་པ་སང་བར། ཆུ་ཚོད། ༩ ནས་ ༥ བརྲ་སྒོ་ཕྱེ་བ།
ཉིན་གུང་ཚོུད། ༡ ནས་ ༢ བར་སྒོ་རྒྱག་པ།
རེས་གཟའ་ཟླ་བ་དང་ཕུར་བུ་ཉིན། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༦ བར་བོད་པའི་སྐག་རྒྱུར་ཡོད།
མནའ་སྐྱེལ་ཡིག་ཆ་སོགས་ཟ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡ བར་བོད་པའི་སྐད་རྒྱུར་ཡོད་།